ཨེ་ཕེ་སུ་པ་ལེའུ་བཞི་པ།
Ephesians 4
...
22 ཁྱེད་ཚོས་གཤིས་རྒྱུད་རྙིང་པ་འབུད་དགོས་པ་སྦྱང་མྱོང་ཡོད། ཁྱེད་ཚོའི་དེ་སྔོན་གྱི་སྤྱོད་ལམ་དང་མཐུན་པའི་གཤིས་རྒྱུད་དེ་ནི་མི་ལ་མགོ་སྐོར་གཏོང་བའི་འདོད་པ་དང་བསྟུན་ནས་རུལ་སུངས་སུ་འགྱུར། 23 བསམ་བློ་གཏོང་སྟངས་མུ་མཐུད་གསར་དུ་བཟོ་བའི་འབད་བརྩོན་བྱེད་དགོས་ལ། 24 གཤིས་རྒྱུད་གསར་པ་གྱོན་དགོས། གཤིས་རྒྱུད་དེ་ནི་དཀོན་མཆོག་གི་དགོངས་པ་གཞིར་བཟུང་གསར་སྐྲུན་པ་ཡིན་ཞིང་། དྲང་བདེན་ངོ་མ་དང་ལྷག་བསམ་མངོན་ཐུབ།
...
26 ཁོང་ཁྲོ་ལངས་ན་ཡང་སྡིག་པ་བསག་མི་ཆོག ཉི་མ་མ་ནུབ་པའི་གོང་ཁོང་ཁྲོ་ཞི་བར་བྱེད་དགོས།
...
...
31 ཁྱེད་ཚོས་བསམ་ངན་སྣ་ཚོགས་དང་། ཁོང་ཁྲོ། ཞེ་སྡང་། འུར་སྒྲ། དམའ་འབེབས་ཀྱི་གཏམ་དང་མི་ལ་གནོད་པ་སྐྱེལ་བའི་བྱ་བ་ཚང་མ་སྤོངས་ཤིག ཕན་ཚུན་བྱམས་པ་དང་སྙིང་རྗེ་མཚོན་དང་། དཀོན་མཆོག་གིས་ཁི་རི་སི་ཐོ་བརྒྱུད་ནས་ཁྱེད་ཚོར་དགོངས་ཡངས་གནང་བ་ལྟར་ཁྱེད་ཚོས་ཀྱང་ཕན་ཚུན་གུ་ཡངས་གཏོང་དང་།



