ཨེ་ཕེ་སུ་པ་ལེའུ་ལྔ་པ།

Ephesians 5


1 ཁྱེད་ཚོ་ནི་དཀོན་མཆོག་གིས་བརྩེ་བའི་བུ་ཕྲུག་ཡིན་པས། ཁྱེད་ཚོས་དཀོན་མཆོག་ལ་མིག་དཔེ་ལྟ་དགོས།

...

15 རང་ཉིད་ཀྱི་གོམ་སྟབས་ལ་དོ་སྣང་གཟབ་ནན་བྱེད་དགོས། རྨོངས་པ་མ་བྱེད་པར་བློ་གྲོས་ཅན་ལྟར་བྱེད་དགོས།

16 ད་ལྟ་ནི་དུས་སྐབས་ངན་པ་ཡིན་པས། ང་ཚོས་དུས་ཚོད་བེད་སྤྱོད་ཡག་ཤོས་གཏོང་དགོས།

...

21 ཁི་རི་སི་ཐོར་གུས་རྩིས་ཞུས་ནས་ཕན་ཚུན་སྟུན་དང་། 22 ཆུང་མས་གཙོ་བོར་བརྩི་བཀུར་བྱེད་པ་ལྟར་ཁྱོ་གར་བརྩི་བཀུར་བྱེད་དང་། 23 ཁི་རི་སི་ཐོ་ཆོས་ཚོགས་ཀྱི་མགོ་ཡིན་པ་ལྟར་ཁྱོ་ག་ནི་ཆུང་མའི་མགོ་ཡིན། ཁི་རི་སི་ཐོ་ནི་ལུས་པོ་ཡིན་པའི་ཆོས་ཚོགས་ཀྱི་སྐྱབས་མགོན་ཡིན། 24 དོན་དངོས་ཐོག་ཆོས་ཚོགས་ཀྱིས་ཁི་རི་སི་ཐོར་བརྩི་བཀུར་བྱེད་པ་ལྟར་ཆུང་མས་ཀྱང་གང་ཅི་ཐད་ལ་ཁྱོ་གར་བརྩི་བཀུར་བྱེད་དགོས། 25 ཁྱོ་ག་རྣམས། མུ་མཐུད་ཆུང་མར་བརྩེ་བ་བྱེད་དགོས། ཁི་རི་སི་ཐོས་ཆོས་ཚོགས་ལ་བརྩེ་སེམས་མཚོན་ནས་ཆོས་ཚོགས་ཀྱི་ཆེད་དུ་རང་སྲོག་བཏང་བ་ལྟར་ཡིན།

...

28 དེ་དང་འདྲ་བར་ཁྱོ་གས་རང་གི་ལུས་པོར་བྱེད་པ་ལྟར་ཆུང་མར་བརྩེ་བ་བྱེད་དགོས། ཆུང་མར་བརྩེ་བ་བྱེད་མཁན་ནི་རང་ཉིད་ལ་ཡང་བརྩེ་བ་བྱེད་ཀྱི་ཡོད། 29 མི་སུས་ཀྱང་རང་ཉིད་ཀྱི་ལུས་པོར་ཞེ་སྡང་མ་བྱེད་པར་ཟས་ལྟེར་ཞིང་གཅེས་སྐྱོང་བྱེད། ཁི་རི་སི་ཐོས་ཀྱང་ཆོས་ཚོགས་ལ་དེ་ལྟར་གནང་། 30 གང་ཡིན་ཟེར་ན་ང་ཚོ་ནི་ཁོང་གི་ལུས་པོའི་ཆ་ཤས་ཡིན།

...

33 ཁྱེད་ཚོ་རེ་རེས་རང་ཉིད་ལ་བརྩེ་བ་ནང་བཞིན་ཆུང་མར་བརྩེ་བ་བྱེད་དགོས། ཆུང་མས་ཀྱང་ཁྱོ་ག་ལ་སེམས་གཏིང་ནས་བརྩི་བཀུར་བྱེད་དགོས།