ཨེ་ཕེ་སུ་པ་ལེའུ་དྲུག་པ།
Ephesians 6
1 ཕྲུ་གུ་རྣམས། གཙོ་བོའི་དགོངས་པ་དང་བསྟུན་ནས་ཕ་མའི་ཁ་ལ་ཉན་དགོས། འདི་ནི་བྱ་བ་ཡང་དག་པ་ཡིན། 2 ཞལ་ཆད་དང་ལྡན་པའི་བཀའ་ནང་ནས་དང་པོ་ནི་ “ཁྱོད་ཀྱི་ཕ་མ་ལ་བརྩི་བཀུར་བྱེད་དགོས། 3 དེ་ལྟར་བྱས་ན་བྱ་བ་བདེ་བླག་ཏུ་འགྲོ་ལ་ས་སྟེང་དུ་མི་ཚེ་རིང་པོ་སྐྱེལ་ཐུབ” ཅེས་གསུངས་པ་དེ་རེད། 4 ཁྱེད་ཚོ་ཕ་རྣམས། ཕྲུ་གུ་རྣམས་ཞེ་སུན་མ་བཟོ་བར། ཕྲུ་གུ་གསོ་སྐྱོང་བྱེད་སྐབས་ཡ་ཧ་ཝཱའི་དགོངས་པ་གཞིར་བཟུང་ཁོ་ཚོ་གཅུན་ནས་བསླབ་བྱ་རྒྱག་དགོས།
...



