པེ་ཏྲོ་དང་པོ་ལེའུ་གཉིས་པ།
1 Peter 2
...
21 དོན་དངོས་ཐོག་ཁྱེད་ཚོ་ལམ་འདི་ཐོག་ཏུ་བོས་པ་རེད། ཁི་རི་སི་ཐོས་ཀྱང་ཁྱེད་ཚོའི་ཆེད་དུ་སྡུག་བསྔལ་མྱངས་པ་དང་། ཁོང་གི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་བའི་ཆེད་དུ་ཁྱེད་ཚོར་མིག་དཔེ་བཞག་པ་ཡིན། 22 ཁོང་གིས་སྡིག་པ་མ་བསགས་ཤིང་ཁོང་གི་ཞལ་ནས་མགོ་སྐོར་གི་གཏམ་གང་ཡང་འཐོན་མ་མྱོང་། 23 མི་རྣམས་ཀྱིས་ཁོང་ལ་དམའ་འབེབས་བཏང་དུས་ཀྱང་ལན་དུ་དམའ་འབེབས་བཏང་མ་གནང་། ཁོང་གིས་སྡུག་བསྔལ་མྱངས་དུས་ཀྱང་མི་ལ་འཇིགས་སྣང་མ་སྐུལ་བར་དྲང་བདེན་གྱི་སྒོ་ནས་འདྲི་གཅོད་གནང་མཁན་དཀོན་མཆོག་ལ་རང་ཉིད་བཅོལ།



