པེ་ཏྲོ་དང་པོ་ལེའུ་གསུམ་པ།

1 Peter 3


...

7 དེ་བཞིན་དུ་ཁྱོ་ག་རྣམས། ཁྱེད་ཚོ་མུ་མཐུད་ཤེས་རྟོགས་ལྡན་པའི་སྒོ་ནས་སོ་སོའི་ཆུང་མ་དང་མཉམ་དུ་འཚོ་བ་སྐྱེལ་དང་། ཁོ་མོ་ཚོ་ནི་ཁྱེད་ཚོ་དང་མཉམ་དུ་ལྷག་པར་ཆེ་བའི་བཀའ་དྲིན་གྱི་ཚེ་སྲོག་འཐོབ་མཁན་ཡིན་པས། སྟོབས་ཆུང་བའི་སྣོད་ཆས་ཡིན་པའི་ བུད་མེད་ལ་འཐོབ་འོས་པའི་བརྩི་འཇོག་བྱེད་དགོས། དེ་ལྟར་བྱས་ན་ཁྱེད་ཚོའི་སྨོན་ལམ་ལ་བཀག་འགོག་མི་ཡོང་།

...

18 ཁི་རི་སི་ཐོ་ཡང་མིའི་སྡིག་པའི་ཆེད་དུ་ཐེངས་གཅིག་ཁོ་ན་གྲོངས།  དྲང་བདེན་གྱི་མིས་དྲང་བདེན་མིན་པའི་མི་རྣམས་ཀྱི་ཆེད་དུ་ཡིན།  དེ་ནི་ཁྱེད་ཚོ་དཀོན་མཆོག་གི་མདུན་དུ་འཁྲིད་པའི་ཆེད་དུ་ཡིན།  ཁོང་སྲོག་ཆད་གཅོད་སྐབས་ཤ་ཡི་ལུས་ཡིན། འོན་ཀྱང་སླར་གསོན་སྐབས་གཟུགས་མེད་ལུས་ཡིན།