མངོན་པ་ལེའུ་ཉི་ཤུ་རྩ་གཅིག་པ།
Revelation 21
...
3 ངས་བཞུགས་ཁྲི་ནས་སྐད་སྒྲ་ཆེན་པོ་ཞིག་གིས་འདི་ལྟར་བཤད་པ་ཐོས་བྱུང་། “ལྟོས་ཤིག དཀོན་མཆོག་གི་དབུ་གུར་མི་དང་མཉམ་དུ་ཡོད། ཁོང་མི་རྣམས་དང་མཉམ་དུ་བཞུགས་ལ་ཁོ་ཚོ་ཁོང་གི་མི་སེར་བྱེད། དཀོན་མཆོག་རང་ཉིད་ཁོ་ཚོ་དང་མཉམ་དུ་བཞུགས། 4 ཁོང་གིས་ཁོ་ཚོའི་མིག་ཆུ་ཐམས་ཅད་ཕྱིས་གནང་སྟེ་སླར་ཡང་ཤི་བ་མེད། མྱ་ངན་དང་ངུ་འབོད། སྡུག་བསྔལ་ཡང་མེད། དེ་སྔོན་བྱུང་བའི་དོན་རྣམས་འདས་ཟིན་པ་རེད། ” 5 བཞུགས་ཁྲིའི་སྟེང་དུ་བཞུགས་མཁན་གྱིས་“ལྟོས་ཤིག ངས་ཐམས་ཅད་གསར་དུ་བཟོ་གི་ཡོད” ཅེས་གསུངས། ཡང་ཁོང་གིས་ “བྲིས་ཤིག བཀའ་མོལ་འདི་ཚོ་ཡིད་རྟོན་ཆོག་པ་དང་བདེན་པ་ཡིན” ཅེས་གསུང་།



