ལེགས་བཤད་ལེའུ་དགུ་པ།
Proverbs 9
1 ཤེས་རབ་ངོ་མ་ཡིས་དེའི་ཁང་པ་བརྒྱབ།
དེའི་ཀ་བ་བདུན་བསྐྲུན།
2 ཤ་ཞིམ་པོ་གྲ་སྒྲིག་བྱས།
རྒུན་འབྲུམ་ཨ་རག་ལ་བྲོ་བ་ཞིམ་པོ་བསྲེས།
ཟས་ཅོག་ཡང་གྲ་སྒྲིག་བྱས།
3 དེ་ཡིས་གཡོག་མོ་རྣམས་བཏང་།
གྲོང་ཁྱེར་གྱི་མཐོ་ས་ནས་འབོད་དུ་བཅུག
4 “མི་སུས་ཀྱང་ཉམས་མྱོང་མ་འདང་ན་འདིར་ཤོག་དང”
ཤེས་རབ་ཀྱིས་མི་རྨོངས་པ་རྣམས་ལ་བཤད།
5 “འདོར་ཤོག་དང་། ངའི་བག་ལེབ་བཟོ་ཞིག
ངས་གྲ་སྒྲིག་བྱས་པའི་ཨ་རག་འཐུང་དང་།
6 ཉམས་མྱོང་མེད་པའི་གནས་སྟངས་དང་བྲལ་ནས་ཚེ་སྲོག་སྲུང་ཞིག
གོ་རྟོགས་ནུས་རྩལ་བེད་སྤྱོད་པའི་ལམ་ཐོག་མདུན་སྐྱོད་བྱེད་དང”
7 འཕྱ་སྨོད་བྱེད་མཁན་ལ་སློབ་གསོ་བརྒྱབ་ན་རང་ཉིད་ངོ་ཚ་པོ་བཟོ།
མི་ངན་ལ་སྐྱོན་བརྗོད་བྱས་ན་རང་ཉིད་ལ་གནོད་འཚེ་ཕོག
8 འཕྱ་སྨོད་བྱེད་མཁན་ལ་སྐྱོན་བརྗོད་མ་བྱེད་དང་། ཁོས་ཁྱོད་ལ་སྡང་ཡོང་།
ཤེས་རབ་ཅན་ལ་སྐྱོན་བརྗོད་བྱེད་དང་། མི་དེ་ཁྱོད་ལ་དགའ་པོ་ཡོང་།
9 ཤེས་རབ་ཅན་ལ་སློབ་གསོ་སྤྲོད་དང་། མི་དེར་ཤེས་རབ་དེ་བས་ཆེ་བ་འཐོབ།
དྲང་བདེན་གྱི་མི་ལ་སློབ་སྟོན་བྱེད་དང་། མི་དེར་སློབ་སྦྱོང་དེ་བས་མང་བ་འཐོབ།
10 ཡ་ཧོ་ཝཱ་ལ་གུས་བརྩི་ཞུ་བ་ནི་ཤེས་རབ་ཀྱི་ཐོག་མ་ཡིན།
ཁྱད་དུ་འཕགས་པའི་དཀོན་མཆོག་གི་སྐོར་ཤེས་ན་མི་ལ་གོ་རྟོགས་ནུས་རྩལ་འཐོབ།
11 ཤེས་རབ་ལ་བརྟེན་ནས་ཁྱོད་ཀྱི་མི་ཚེའི་ཉིན་མང་དུ་འགྲོ།
ཁྱོད་ཀྱི་མི་ཚེ་རིང་དུ་འགྲོ།
12 ཁྱོད་ལ་ཤེས་རབ་ཐོབ་ན་རང་ཉིད་ལ་ཕན་ཐོགས་འཐོབ།
འོན་ཀྱང་ཁྱོད་འཕྱ་སྨོད་བྱེད་པ་ལ་དགའ་ན་ཁྱོད་གཅིག་པོས་དེའི་རྗེས་འབྲས་ཟ་དགོས།
13 བུད་མེད་གླེན་པ་ནི་རྟག་པར་འུར་ཅོར་རྒྱག
ཤེས་བྱ་མེད་ལ་གང་ཡང་ཧ་མི་གོ།
14 ཁོ་མོ་ཁང་པའི་སྒོ་འགྲམ་དང་།
གྲོང་ཁྱེར་གྱི་མཐོ་སར་བསྡད་ནས།
15 འགྲོ་འོང་བྱེད་མཁན་ལ།
ལམ་ཁ་ཐོག་ཤར་ཀྱག་མདུན་སྐྱོད་བྱེད་མཁན་ལ་འབོད།
16 “ཉམས་མྱོང་མེད་པའི་མི་སུ་ཞིག་ཀྱང་འདིར་ཤོག་དང” ཞེས་བཤད།
ཁོ་མོས་རྨོངས་པ་རྣམས་ལ་བཤད།
17 “རྐུན་མ་རྐུས་པའི་ཆུ་ནི་སྔར་མོ་ཡིན་ལ།
ལྐོག་ཏུ་ཟ་བའི་ཟས་ཞིམ་པོ་ཡོད”
18 འོན་ཀྱང་མི་དེས་ཁོ་མོའི་སྡོད་སར་ཡོང་བའི་མི་ཚང་མ་ཚེ་སྲོག་ཤོར་བ་དང་།
ཁོ་མོའི་མགྲོན་པོ་རྣམས་དུར་སའི་འོག་ཏུ་ཡོད་པ་མི་ཤེས།



