ལེགས་བཤད་ལེའུ་བཅུ་གཉིས་པ།
Proverbs 12
1 སྦྱོང་བརྡར་ལ་དགའ་མཁན་ནི་ཤེས་ཡོན་ལ་དགའ།
སྐྱོན་བརྗོད་ལ་སྡང་མཁན་རྨོངས་པ་ཡིན།
2 ཡ་ཧོ་ཝཱ་མི་བཟང་པོ་ལ་མཉེས་པོ་གནང་།
འོན་ཀྱང་དཀོན་མཆོག་གིས་འཆར་གཞི་ངན་པ་བཟོ་མཁན་ལ་ཉེས་ཆད་གཏང་།
3 མི་ཡིས་བྱ་ངན་ལ་བརྟེན་ནས་རང་ཉིད་ཀྱི་བདེ་འཇགས་སྲུང་མི་ཐུབ།
འོན་ཀྱང་དྲང་བདེན་གྱི་མི་ནམ་ཡང་རྩ་མེད་དུ་འགྲོ་མི་སྲིད།
4 འཇོན་ཐང་ལྡན་པའི་ཆུང་མ་ནི་ཁྱོ་ག་གི་དབུ་རྒྱན་ཡིན།
ངོ་ཚ་མེད་པའི་ཆུང་མ་ནི་ཁྱོ་ག་གི་རུས་པའི་ནང་གི་རུལ་སྐྱོན་དང་འདྲ།
5 དྲང་བདེན་གྱི་མིའི་བསམ་ཚུལ་ནི་དྲང་པོ་དྲང་གཞག་ཡིན།
འོན་ཀྱང་མི་ངན་གྱི་ཁྲིད་སྟོན་ནི་མི་ལ་མགོ་སྐོར་གཏོང་།
6 མི་ངན་གྱི་གཏམ་ནི་མི་གསོད་པའི་ཀུང་སློང་སྦས་སྐུང་བྱས་ཡོད།
འོན་ཀྱང་མི་དྲང་པོའི་ཁ་ཡིས་ཚེ་སྲོག་སྐྱོབ།
7 མི་ངན་རྣམས་རྩ་གཏོར་འགྲོ་བའི་རྗེས་སུ་ཁོ་ཚོ་སླར་ཡང་མེད་པར་འགྱུར།
འོན་ཀྱང་དྲང་བདེན་གྱི་མིའི་ཁང་པ་ནི་ནམ་ཡང་གནས།
8 མི་རྣམས་ཀྱིས་བསམ་གཞིགས་ལྡན་པའི་སྐད་ཆ་བཤད་མཁན་ལ་བསྟོད་བསྔགས་གཏོང་།
འོན་ཀྱང་སེམས་ལ་གཡོ་སྒྱུ་འཆང་མཁན་ལ་བརྩི་མེད་གཏོང་།
9 མི་ཡིས་མཐོང་ཆུང་བྱེད་ཀྱང་གཡོག་པོ་ཞིག་ཡོད་པའི་མི་ནི།
འུད་བསྟོད་བྱེད་ཀྱང་བཟའ་ཆས་མེད་པའི་མི་ལས་ལེགས།
10 དྲང་བདེན་གྱི་མི་ཡིས་རང་གི་ཕྱུགས་རིགས་ལ་གཅེས་སྐྱོང་བྱེད།
འོན་ཀྱང་མི་ངན་གྱི་སྙིང་རྗེ་ནི་གདུག་རྩུབ་ཡིན།
11 རང་ཉིད་ཀྱི་ཞིང་ཁ་རྨོ་མཁན་ལ་བཟའ་ཆས་འདང་ངེས་འཐོབ།
འོན་ཀྱང་རིན་ཐང་མེད་པའི་དོན་དག་དོན་གཉེར་བྱེད་མཁན་ནི་རྨོངས་པ་ཡིན།
12 མི་ངན་གྱིས་མི་ངན་གཞན་ཞིག་གིས་བརྔོན་བྱ་ལ་ཕྲག་དོག་སྐྱེ།
འོན་ཀྱང་དྲང་བདེན་གྱི་མི་ནི་རྩ་བ་ཚུགས་ནས་འབྲས་བུ་བཏགས།
13 མི་ངན་ནི་རང་གིས་བཤད་པའི་ནོར་འཁྲུལ་གྱི་གཏམ་གྱི་རྐྱེན་པས་རྙི་ལ་ཚུད།
འོན་ཀྱང་དྲང་བདེན་གྱི་མི་ནི་དཀའ་སྡུག་ནས་ཐར།
14 མི་ལ་རང་ཉིད་ཀྱིས་བཤད་པའི་སྐད་ཆ་ནས་འབྲས་བཟང་མང་པོ་འཐོབ།
ལག་པ་གཉིས་ཀྱིས་ལས་ཀ་བྱས་ནས་གྲུབ་འབྲས་འཐོབ།
15 གླེན་པའི་བསམ་པར་རང་ཉིད་ཀྱི་ལམ་ཁ་ནོར་མེད་བསམ།
འོན་ཀྱང་ཤེས་རབ་ཅན་གྱིས་བསླབ་བྱ་ལ་ཉན།
16 གླེན་པས་སུན་སྣང་སྐྱེས་དུས་མགྱོགས་པོ་རླུང་ལང་།
འོན་ཀྱང་མི་སྤྱང་པོས་མི་གཞན་གྱིས་བཏང་བའི་དམའ་འབེབས་སེམས་ལ་མི་གཞག
17 དྲང་པོ་དྲང་གཞག་ངང་དཔང་པོ་བྱེད་མཁན་ནི་དོན་དངོས་བཤད།
འོན་ཀྱང་དྲང་པོ་མིན་པའི་དཔང་པོས་གཡོ་སྒྱུའི་གཏམ་བཤད།
18 བསམ་ཤེས་མེད་པའི་སྐད་ཆ་ནི་རལ་གྲི་འཛུགས་པ་ལྟར་ཡིན།
འོན་ཀྱང་ཤེས་རབ་ཅན་གྱི་ལྕེ་ཡིས་མི་ལ་སྨན་བཅོས་བྱེད་ཐུབ།
19 བདེན་པ་བཤད་པའི་མཆུ་ཏོ་ནི་དུས་ནམ་ཡང་གནས།
རྫུན་གཏམ་བཤད་པའི་ལྕེ་ནི་འཁྱུག་ཙམ་རྗེས་སུ་མེད་པར་འགྱུར།
20 མི་ལ་གནོད་འཚེ་གཏོང་ཐབས་བྱེད་མཁན་གྱི་སེམས་ལ་གཡོ་སྒྱུ་ལྡན།
འོན་ཀྱང་ཞི་བདེ་སྤེལ་མཁན་ལ་སྤྲོ་སྣང་ལྡན།
21 དྲང་བདེན་གྱི་མི་ལ་གནོད་འཚེ་མི་ཐེབས།
འོན་ཀྱང་མི་ངན་ལ་རྐྱེན་ངན་མང་པོ་འབྱུང་།
22 ཡ་ཧོ་ཝཱས་རྫུན་གཏམ་བཤད་པའི་ཁ་ལ་སྡང་།
དཀོན་མཆོག་གིས་བློ་འཁེལ་ཆོག་པའི་བྱ་བ་བྱེད་མཁན་ལ་མཉེས་པོ་གནང་།
23 མི་སྤྱང་པོས་རང་གི་ཤེས་ཡོན་ཁོག་ཏུ་སྦས།
འོན་ཀྱང་གླེན་པའི་སེམས་ཀྱིས་གླེན་གཏམ་ཤོར།
24 ལས་ལ་བརྩོན་པའི་མིའི་ལག་པར་དབང་ཆ་འཐོབ།
འོན་ཀྱང་ལེ་ལོ་ཅན་གྱི་ལག་པ་འུ་ལག་རྒྱུག
25 མི་ལ་སེམས་ཁྲལ་ཡོད་ན་སེམས་སྡུག་ཆེ།
འོན་ཀྱང་སྐད་ཆ་བཟང་པོས་མི་ལ་སེམས་ཤུགས་སྐུལ།
26 དྲང་བདེན་གྱི་མི་ཡིས་གཟབ་ནན་གྱིས་རང་གི་རྩ་ཁ་འདམ།
འོན་ཀྱང་མི་ངན་ནི་རང་ཉིད་ཀྱི་སྤྱོད་ལམ་གྱི་རྐྱེན་པས་ལམ་ནོར་ཐེབས།
27 ལེ་ལོ་སྒྱིད་ལུག་ཅན་བརྔོན་བྱར་རྗེས་འདེད་མི་བྱེད།
ལས་ལ་བརྩོན་རྒྱུ་ནི་མིའི་རྩ་ཆེ་བའི་རྒྱུ་ནོར་ཡིན།
28 དྲང་བདེན་གྱི་ལམ་ཁ་ཐོག་ཏུ་ཕྱིན་ན་ཚེ་སྲོག་ཏུ་སླེབ།
ལམ་ཁ་དེ་ཐོག་ཤི་བ་མེད།



